༡. མིའི་རིགས་ཀྱི་དཀའ་གནད།
འགྲོ་བ་མི་ཐམས་ཅད་ཀྱིས་སྡུག་བསྔལ་མྱངས་ངེས། དེ་ནི་འདོད་ཆགས། ཞེ་སྡང་། གཏི་མུག་བཅས་དུག་གསུམ་གྱི་དབང་གིས་ཡིན། འདོད་ངན་འདི་དག་གིས་ང་ཚོ་སྤྱོད་ལམ་ངན་པ་དང་མི་དགེ་བའི་ལས་ལ་ཞུགས་དུ་བཅུག རྒྱུ་མཚན་དེའི་དབང་གིས་ང་ཚོ་སྡུག་བསྔལ་གྱི་ནང་དུ་ལྷུང་སྟེ། སྡུག་བསྔལ་དེ་དང་འབྲལ་བར་ཐབས་ཟད་དེ་ཡོད།
༢. བྱེད་པོ་དཀོན་མཆོག
ང་ཚོས་གཏི་མུག་གི་དབང་གིས་མ་ཤེས་པའི་དོན་དག་གཅིག་ནི་ཡ་ཝཱེ་དཀོན་མཆོག་ཡོད་པ་དེ་རེད། ཁོང་་གིས་ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་ཐམས་ཅད་བཀོད་པ་རེད། ཡ་ཝཱེ་དཀོན་མཆོག་གིས་རང་ཉིད་ལ་དཔེར་བྱས་ནས་མིའི་རིགས་ཀྱང་བསྐྲུན་པར་མཛད། གདོད་མའི་སྐབས་སུ། མིའི་རིགས་ནི་བཟང་པོ་ཡིན་ཞིང་སེམས་གཙང་མ་ཡོད་པ་རེད། དེའི་ཕྱིར། མིས་ལས་བཟང་པོ་ཁོ་ན་བྱེད་ཅིང་། དགའ་སྤྲོའི་ཚེ་སྲོག་ཀྱང་ཡོད་པ་རེད། ཡ་ཝཱེ་དཀོན་མཆོག་ཕ་མ་བཟང་པོ་རང་གི་བུ་ཕྲུག་ལ་བརྩེ་བ་ལྟར་མིའི་རིགས་ལ་བྱམས་པོ་བྱས་པ་རེད།
༣. དགྲ་བོ་ཞིག
ཡིན་ནའང་། གདོན་འདྲེ་ཡང་ཡོད་དེ། ཁོ་ཚོས་ཡ་ཝཱེ་དཀོན་མཆོག་དེ་ལ་རྒྱབ་འགལ་བྱས། ཁོ་ཚོ་འོངས་ཏེ་རྫུན་གཏམ་ལབ་ནས་མིའི་རིགས་ལ་མགོ་སྐོར་བཏང་། མགོ་སྐོར་ཐེབས་ཏེ་གདོན་འདྲེའི་རྗེས་སུ་འབྲངས་མཁན་རྣམས་གདོན་འདྲེའི་བྲན་འོག་ཏུ་གྱུར། གདོན་འདྲེའི་རྗེས་སུ་འབྲངས་བའི་ཆོད་སེམས་དེས་མི་ཚང་མའི་སེམས་པ་བཙོག་པར་བཟོས། དེའི་ཕྱིར་མིའི་སེམས་པ་གདུག་རྩུབ་གྱིས་ཁེངས་ཡོད་པ་ལས། བཟང་པོ་མིན། ད་ལྟ་མིའི་རིགས་དཀོན་མཆོག་བཟང་པོ་དེ་དང་ཁ་བྲལ་བ་དང་། གདོན་འདྲེའི་བྲན་འོག་ཏུ་ལུས་བསྡད་ཡོད་པས། མི་རྣམས་ནམ་ཡང་སྡུག་བསྔལ་དང་སྡིག་པ་ལ་ཁ་གྱེས་ཐབས་མ་བྱུང་བ་རེད། མིའི་སྡིག་པའི་དབང་གིས་སྲོག་ཆགས་ལའང་སྡུག་བསྔལ་གྱིས་མནར་བ་རེད། ང་ཚོས་ལས་བཟང་བོ་ལ་འབད་པ་བྱས་ཀྱང་། རང་གི་ངན་སེམས་དང་སྡིག་གྲིབ་དེ་ནམ་ཡང་སེལ་ཐབས་མེད།
༤. སྐྱབས་མགོན་ཡེ་ཤུ།
རེད་དེ་འཕྲིན་བཟང་པོ་ཞིག་ཡོད། མིའི་རིགས་ཀྱིས་ཡ་ཝཱེ་དཀོན་མཆོག་གི་ཁ་ལ་མ་ཉན་ནས་ལོ་ཧ་ཅང་མང་པོ་འགོར་བའི་རྗེས་སུ། ཡ་ཝཱེ་དཀོན་མཆོག་མིའི་ལུས་ཐོག་ནས་འཇིག་རྟེན་འདིར་བྱོན་པ་རེད། མི་དེ་ནི་སྐྱབས་མགོན་ཡེ་ཤུ་རེད། ཁོང་མི་ཡུལ་དུ་བྱོན་ནས་མི་རྣམས་མུན་པ་དང་སྡིག་ཉེས་ཀྱི་བྲན་འོག་ལས་སྐྱོབ་པ་དང་། ཁོང་གིས་སྡིག་པ་གཅིག་ཀྱང་བྱས་མ་མྱོང་སྟེ་ཆེས་དྭངས་གཙང་གི་འཚོ་བར་རོལ་བ་དང་། ཁོང་གི་ཐོབ་ཐང་སྟེ་དཀོན་མཆོག་གི་སྲས་ཡིན་པར་མངོན་པ་རེད། ཁོང་གདོན་འདྲེ་དང་སྡིག་པ། ནད་དང་མུན་པའི་རྒྱལ་ཁམས་ཀྱི་དབང་ཆ་ལས་རྒྱལ་བ་རེད། དེས་རྗེས་སུ་ཁོས་རང་གི་དྭངས་གཙང་གི་ལུས་དེ་ལྷད་མེད་པའི་མཆོད་པར་ཕུལ་ཏེ་འཇིག་རྟེན་འདིའི་སྡིག་གྲིབ་ཡོད་ཚད་སེལ་བར་བྱས་པ་རེད། ཁོང་གིས་མིའི་རིགས་ཀྱི་སྡིག་ཉེས་ཀྱི་འབྲས་བུ་ཡོད་ཚད་ཁུར་དེ་འདས་སོང་བ་རེད། འོན་ཀྱང་། ཁོང་འདས་ནས་ཉིན་གསུམ་འགོར་རྗེས་སླར་གསོན་པས་ཁོང་འཆི་བ་ལས་རྒྱལ་བ་དང་། གདོན་འདྲེས་མི་རྣམས་བྲན་འོག་ཏུ་བཀོལ་བའི་སྟོབས་ཤུགས་ལས་རྒྱལ་བར་བསྒྲགས་པ་དང་། མི་རྣམས་ལ་སླར་ཡང་རང་དབང་གནང་བ་རེད། དེའི་རྗེས་སུ་ཡབ་དཀོན་མཆོག་གི་དྲུང་དུ་ཕྱིར་ལོག་པ་དང་། ཡབ་དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས་ནས་རྒྱལ་སྲིད་ཀྱི་དབང་བཟུང་ཡོད་པ་རེད།
༥. དྲིས་ལན།
སྐྱབས་མགོན་ཡེ་ཤུས་གསུངས་རྒྱུར། མི་སུས་ཁོང་ཉིད་ཤིང་རྒྱ་གྲམ་གྱི་སྟེང་ནས་ཤི་བ་དང་དེའི་རྗེས་སླར་གསོན་པར་ཡིད་ཆེས་ཡོད་པ་དང་། ད་དུང་ཁོང་ལ་དད་པ་བྱས་ན་མི་དེ་དག་ཡ་ཝཱེ་དཀོན་མཆོག་གི་རྒྱལ་སྲིད་དུ་གདན་འདྲེན་ཞུ་ལ་ཁོང་གི་བུ་དང་བུ་མོར་འགྱུར་འོང་། གལ་ཏེ་ང་ཚོས་ཁོང་ལ་དད་པ་བྱས་ན། ཁོང་གིས་ང་ཚོ་ལ་དམ་པའི་ཐུགས་ཉིད་གནང་འོང་བ་དང་། ང་ཚོ་ལ་སེམས་པ་གསར་པ་ཞིག ཚེ་སྲོག་གསར་པ་ཞིག་གནང་འོང་བ་རེད། སེམས་པ་གསར་པ་དེས་ང་ཚོ་འདོད་པ་བཟང་པོ་སྐྱེ་རུ་འཇུག་པ་རེད། དེའི་རྐྱེན་གྱིས། ང་ཚོས་ལས་བཟང་པོ་འདེམས་ཐུབ་པ་དང་། བདེ་བ་དང་དགའ་སྤྲོས་ཁེངས་བའི་འཚོ་བར་རོལ་ཐུབ་བོ།།
ང་ཚོས་འདི་ལྟར་བསྒྲུབས་པའི་དུས། ང་ཚོའི་ཁྱིམ་མི་དང་མི་རྒྱུད། མི་རིགས་ཚང་མར་འགྱུར་ལྡོག་གཏོང་ཐུབ་རྒྱུ་རེད། སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་པའི་མི་མི་ཉུང་བ་ཞིག་གི་ཚེ་སྲོག་དག་ཀྱང་བདེན་དཔང་ཞིག་རེད་དེ། ཁོ་ཚོས་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱས་པའི་རྗེས་ནས། ཁོ་ཚོའི་ཚེ་སྲོག་ལ་ཡོངས་ནས་འགྱུར་ལྡོག་ཐེབས་འདུག ཁོ་ཚོའི་སེམས་པའང་གཙང་མར་མཛད་ཅིང་། དེ་བཞིན་ཁོ་ཚོ་འདོད་ངན་གྱི་སྟོབས་ཤུགས་དག་ལས་རྒྱལ་ཐུབ་པར་མ་ཟད། གདོན་འདྲེའི་སྟོབས་ཤུགས་ལས་རྒྱལ་ཏེ་རང་དབང་ཐོབ་འདུག འདི་དག་ཡོད་ཚད་ཡ་ཝཱེ་དཀོན་མཆོག་ནི་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་མཁན་ཡོངས་ཀྱི་ཕ་མ་ལྟར་ཡིན་པ་དང་ཁོང་གི་དམ་པའི་ཐུགས་ཉིད་ཁོ་ཚོའི་སེམས་ལ་ཆགས་ཡོད་པའི་རྐྱེན་གྱིས་རེད།
༦་ གདན་འདྲེན་ཞུ་བ།
ཁྱེད་ཀྱི་སྡིག་གྲིབ་ཀྱང་དག་སྟེ་རང་དབང་འཐོབ་ཐུབ་པ་དང་། ཚེ་སྲོག་གསར་པ་དེའང་འཐོབ་ཐུབ། ཁྱེད་ཀྱིས་རང་ལ་བརྟེན་ནས་རང་དབང་འཐོབ་མི་ཐུབ་པ་དང་རང་གི་སྡིག་ཉེས་ངོས་ལེན་བྱས་ནས་སྐྱབས་མགོན་ཡེ་ཤུ་ལ་དད་པ་བྱེད་པར་ཐག་གཅོད་བྱེད་བཞིན་ཡོད་དམ། ཁྱེད་ཀྱིས་ལྷད་མེད་པའི་ཡ་ཝཱེ་དཀོན་མཆོག་ཁོང་ངོ་ཤེས་ན་འདོད་དམ། ཁྱེད་ཀྱིས་ཁོང་ལ་སྐྱབས་སུ་བཅོལ་ནས་ཉིན་ལྟར་ཁོང་གི་རྗེས་སུ་འབྲངས་བར་འདོད་དམ།