དེའི་སྐོར།

ལམ་བར་དུ།

མི་ཚེ་ནི་འགྲུལ་བཞུད་ཐེངས་ཤིག་ཡིན། འགྲུལ་བཞུད་དེ་ནི་སྐབས་རེར་བདེ་བླག་ཡིན་ཞིང་གར་འགྲོའི་ཁ་ཕྱོགས་ཀྱང་གསལ་བོ་ཡིན། ཡང་མཚམས་རེར་མི་ཚེ་ནི་སྨུག་པའི་ནང་དུ་སྐྱོད་པ་དང་མཚུངས་ཏེ། རང་ཉིད་གང་དུ་འགྲོ་བའང་གསལ་བོ་མིན་ལ། འདི་ནི་མི་ཐམས་ཅད་ཀྱིས་རོལ་མྱོང་བྱེད་སྲིད་པ་ཞིག་ཡིན།
ད་ནི་ཁྱེད་རང་མི་ཚེའི་ལམ་ཁ་གང་འདྲ་ཞིག་ལ་སླེབས་ཡོད་ཀྱང་ཁྱེད་ལ་གསར་དུ་རྙེད་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ། འཚོལ་ཞིབ་བྱེད་རྒྱུ་བཅས་ནི་ཡོད་ངེས་ཡིན། ཁྱེད་རང་ནི་ཚོང་པ་ཞིག་གམ། ཡང་ན་ཕ་མའམ། སློབ་མ། དགེ་རྒན་བཅས་སུ་དང་སུ་ཡིན་རུང་། དྲ་ལྗོངས་འདི་ནི་ཁྱེད་ལ་ཕུལ་བ་ཡིན།

ངེད་ཅག་གིས་ཁྱེད་རང་འདི་གར་ཕེབས་ནས་གཟིགས་ཞིབ་གནང་བ་དང་རང་ཉིད་ལ་ཕན་ཐོགས་པ་གང་ཞིག་ལེན་པར་སྙིང་ནས་དགའ་བསུ་ཞུ། དྲ་ལྗོངས་འདིའི་སྟེང་གི་བརྗོད་དོན་རྣམས་ནི་ཁྱེད་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་ལམ་རྒྱགས་སུ་གྱུར་ནས། ཁྱེད་ཀྱི་ལྟོགས་སྐོམ་བསལ་བ་དང་ཁྱེད་ཀྱི་མི་ཚེ་ལ་སྐུལ་སློང་བྱེད་ཐུབ་པའི་རེ་འདུན་ཞུ། དྲ་ལྗོངས་འདི་ལས་རང་ཅག་གིས་ལམ་བར་དུ་ཞེས་པའི་དོན་སྙིང་བཙལ་ནས་སོ་སོའི་ཐང་ཆད་པའི་སེམས་ཁུང་ལ་ངལ་གསོ་ཡག་པོ་ཞིག་འཐོབ་པར་བྱའོ། །འདི་ནི་དགོས་མཁོ་ཡོད་དུས་ཀྱི་སྡོངས་གྲོགས་དང་ཡིད་སེམས་ཕམ་དུས་ཀྱི་རེ་བ་རྙེད་ས་ཡིན་ལ། འདིའི་ནང་གི་བརྗོད་གཞི་མཐའ་དག་གིས་དམ་པའི་གསུང་རབ་ཀྱི་བསླབ་བྱ་གཞིར་བཟུང་བ་ཡིན།

ངེད་ཅག་གིས་ཁྱེད་ཀྱིས་དྲ་ལྗོངས་འདིར་གཟིགས་པར་དགའ་བསུ་ཞུ་བ་དང་། ཁྱེད་ཀྱི་གཟིགས་ངོར་ཕུལ་བའི་བརྗོད་གཞི་རྣམས་ལ་གཟིགས་པ་བརྒྱུད་ནས་ཁྱེད་ལ་སྐྱེ་སྟོབས་འབར་བའི་སྨོན་འདུན་ཞུ།
ཁྱེད་ཀྱིས་ལམ་གྲོགས་ཏེ་ལམ་བར་དུ་ཞེས་པས་ཕུལ།

དཀོན་མཆོག་ནི་སུ་ཡིན་ནམ།

དཀོན་མཆོག་ནི་དངོས་སུ་བཞུགས་པ་སྟེ། ཁོང་ནི་གནམ་ས་གཉིས་ཀྱི་བྱེད་པོ་ཡིན་ལ། ཁོང་ནི་གཟུགས་ཡོད་དང་གཟུགས་མེད་ཀྱི་ཁམས་ཐམས་ཅད་ཀྱི་བདག་པོ་ཡིན། མི་རིགས་ཐམས་ཅད་ཀྱིས་ཁོང་ཉིད་ངོ་ཤེས་པ་དང་ཁོང་གི་སྐོར་ལ་རྒྱུས་ལོན་བྱེད་པ་ནི་ཁོང་གི་ཐུགས་དགོངས་ཡིན། དྲ་ལྗོངས་འདིའི་སྟེང་དུ་ཁྱེད་ཀྱིས་དཀོན་མཆོག་སུ་ཡིན་པ་ཇེ་མང་ནས་ཇེ་མང་དུ་ཤེས་ཡོང་།

དམ་པའི་གསུང་རབ།

དམ་པའི་གསུང་རབ་ནི་གཞུང་ཞིག་ཡིན། དམ་པའི་གསུང་རབ་ནི་འཇིག་རྟེན་གྱི་དཔེ་དེབ་གཞན་དང་ཁྱད་པར་ཆེན་པོ་ཡོད། དམ་པའི་གསུང་རབ་ནི་འཇིག་རྟེན་ཁམས་ཀྱི་དཀོན་མཆོག་གིས་ཞལ་ཕུ་གནང་བ་ལས་བྱུང་བ་ཡིན་པས་ན་དེས་མི་ལ་ཚེ་སྲོག་སྩོལ་བ་ཡིན། དཀོན་མཆོག་གིས་འཛམ་བུ་གླིང་གི་མི་ཐམས་ཅད་ལ་གསུང་གླེང་མཛད་དགོངས་པ་ཡིན། གཞུང་འདི་ཀློག་པ་བརྒྱུད་རང་ཅག་གིས་མི་ཚེའི་དཀའ་གནད་མཐའ་དག་བསལ་ཐུབ་པ་དང་། རང་ཅག་གི་མི་ཚེ་འདི་ག་འདྲ་བྱས་ནས་བསྐྱལ་དགོས་པའི་ཡེ་ཤེས་ཀྱང་རྙེད་ཐུབ་པར་མ་ཟད། དཀོན་མཆོག་སུ་ཡིན་པའང་ཤེས་ཡོང་།
དམ་པའི་གསུང་རབ་ནི་མི་ལོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་རིང་དུ་གྲུབ་པ་དང་། རྩོམ་པ་པོ་མང་པོ་ཞིག་གིས་ཡི་གེར་བཀོད་ཅིང་། དེ་རྣམས་ལས་ལ་ལ་ཉ་པ་དང་། ཁ་ཤས་མཁས་པ། འགའ་ཞིག་ལུང་སྟོན་པ། ཡང་ཁ་ཅིག་ལུག་རྫི་བཅས་ཡིན། དམ་པའི་གསུང་རབ་ནང་དུ་ཁྱོན་བསྡོམས་དཔེ་ཆ་རེ་དྲུག་ཡོད་པ་དང་། ལོ་རྒྱུས་ལྟར་ན་དམ་པའི་གསུང་རབ་ནང་གི་དོན་རྣམས་ནི་དབྱི་སི་རལ་ཞེས་པའི་ཡུལ་ཁམས་སུ་བྱུང་བ་རེད། དམ་པའི་གསུང་རབ་ཁ་ཚང་འཛམ་གླིང་འདིའི་སྐད་ཡིག་བདུན་བརྒྱ་ལྷག་ལ་ཕབ་སྒྱུར་བྱས་ཡོད་པ་རེད།

དམ་པའི་གསུང་རབ་ཀྱི་ཞལ་ཆད་གསར་པ།

To top