༄༅།། གནའ་སྔ་མོ་ཞིག་ལ་བླ་ན་མེད་པའི་དཀོན་མཆོག་གིས་འཇིག་རྟེན་བསྐྲུན། སྐབས་དེར་ས་གཞི་མུན་ནག་གིས་ཁྱབ་པ་དང༌། ནམ་མཁའ་སྟོང་ཞིང་མུན་ནག་གིས་ཡོངས་སུ་བསྒྲིབས། དཀོན་མཆོག་གི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ་ངོ་མཚར་གྱི་འཆར་གཞི་ཞིག་བཀོད། ཁོང་གིས་བཀའ་ཞིག་གནང་སྟེ་ནམ་མཁའ་ཆགས་པ་དང༌། ས་གཞི་ལ་བཀའ་ཕབ་ནས་ས་ཞིང་མཛེས་སྡུག་ལྡན་པར་གྱུར།

༢ ལྡུམ་རའི་ནང་གི་ཨ་དམ་དང་ཧ་ཝཱའི་སྐོར།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཨ་དམ་དང་ཧ་ཝཱ་གཉིས་མཛེས་སྡུག་ལྡན་པའི་ལྡུམ་ར་དེའི་ནང་དགའ་མགུར་གྱི་འཚོ་བ་རོལ་ཞིང༌། ཕྱོགས་གཅིག་ནས་འཆམ་འཆམ་དུ་འགྲོ་བ་དང༌། ཕྱོགས་གཅིག་ནས་བླ་ན་མེད་པའི་དཀོན་མཆོག་དང་ཁ་བརྡ་བྱས་ཤིང༌། དཀོན་མཆོག་ནི་ཁོ་གཉིས་ཀྱི་གྲོགས་པོ་ལྟ་བུར་གྱུར། དཀོན་མཆོག་གིས་ཁོ་གཉིས་ལ། ལྡུམ་རའི་ནང་གི་ཤིང་སྡོང་གཅིག་མ་གཏོགས་དེ་མིན་གྱི་ཤིང་སྡོང་གཞན་དག་གི་ཤིང་འབྲས་བཟའ་ཆོག

༣ ཀ་ཡན་དང་ཧ་པེལ་གྱི་སྒྲུང༌།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཨ་དམ་དང་ཧ་ཝཱ་གཉིས་ལ་ཕྲུ་གུ་མང་པོ་སྐྱེས་ཤིང༌། བུ་ཆེ་བ་ལ་ཀ་ཡན་ཟེར་བ་དང༌། འབྲིང་བ་ལ་ཧ་པེལ་ཞེས་འབོད། ཀ་ཡན་ནི་ཞིང་པ་ཞིག་ཡིན་པ་དང༌། ཧ་པེལ་ནི་ལུག་རྫི་ཞིག་ཡིན། ཉིན་ཞིག་ལ་ཀ་ཡན་དང་ཧ་པེལ་གཉིས་མཉམ་དུ་བླ་ན་མེད་པའི་དཀོན་མཆོག་ལ་རང་རང་གི་འབུལ་རྟེན་གྱིས་མཆོད་པ་ཕུལ།

༤ ནོ་ཨ་དང་ཆུ་ལོག་ཆེན་པོའི་སྒྲུང༌།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། སྐབས་དེར་ས་གཞི་གང་སར་མི་ངན་རུལ་ཅན་གྱིས་ཁེངས་ཤིང༌། བླ་ན་མེད་པའི་དཀོན་མཆོག་གིས་མིའི་རིགས་བཟོས་པའི་འགྱོད་སེམས་ཁེངས། ཁོང་གིས་ས་གཞི་འདིའི་ཐོག་ཏུ་ཡོད་ཚད་རྩ་མེད་བཏང་སྟེ་བསྐྱར་དུ་སྐྲུན་རྒྱུའི་དགོངས་པ་མཛད། འོན་ཀྱང་དཀོན་མཆོག་གིས་སྐབས་དེར་ཀུན་སྤྱོད་དྲང་བདེན་གྱི་མི་ཞིག་ཡོད་པ་གཟིགས་ཤིང༌།

༥ པ་པེལ་གྲོང་ཁྱེར་གྱི་ཐོག་བརྩེགས་ཅན་གྱི་ཁང་པའི་སྐོར།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། དེ་ནས་ཡུན་རིང་མ་སོང་བར། ས་གཞི་སླར་ཡང་མི་ཡིས་ཁེངས་ཤིང༌། མི་ཚང་མས་སྐད་རིགས་གཅིག་གི་ཐོག་ནས་གླེང་མོལ་བྱེད་བཞིན་ཡོད། མི་རྣམས་ཀྱིས། ང་ཚོས་ཐོག་བརྩེགས་ཅན་གྱི་ཁང་པ་ཡོད་པའི་གྲོང་ཁྱེར་ཞིག་བསྐྲུན་ནས་ང་ཚོ་རླབས་ཆེན་པོ་ཡིན་པ་མངོན་པར་བྱེད་ཅེས་སྨྲས།

༦ དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་ཆད་གནང་བའི་སྐོར།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཨབ་རམ་གྱིས་བླ་ན་མེད་པའི་དཀོན་མཆོག་ལ་བསྙེན་བཀུར་ཞུ་བཞིན་ཡོད་ཅིང༌། ཁོའི་ཁྱིམ་མཚེས་རྣམས་ཀྱིས་ཀྱང་ལྷ་རྫུན་མ་ལ་བསྙེན་བཀུར་བྱེད་བཞིན་ཡོད། དཀོན་མཆོག་གིས་ཨབ་རམ་ལ། ཁྱོད་ས་ཆ་འདི་དང་ཁ་བྲལ་ཏེ་ས་གནས་གསར་པ་ཞིག་ཏུ་སོང་ཞིག ངས་ཁྱོད་ལ་བྱིན་རླབས་སྦྱིན་ནོ་ཞེས་གསུངས་པ་དང༌། ཨབ་རམ་གྱིས་དཀོན་མཆོག་གི་བཀའ་བཞིན་བསྒྲུབས།

༧ ཨབ་ར་ཧམ་དང་ཨི་སཱག་གི་སྒྲུང༌།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཉིན་ཞིག་ལ་དཀོན་མཆོག་གིས་ཨབ་ར་ཧམ་གྱིས་རང་ཉིད་ལ་གཅེས་སེམས་ཇི་ཙམ་ཡོད་མེད་ཚོད་ལྟ་གནང་སྟེ། ཨབ་ར་ཧམ། ཁྱོད་ཀྱི་ཕྲུ་གུ་གཅིག་པུ་དེ་ང་ལ་འབུལ་དགོས། ཁྱོད་ཀྱི་བུ་ཨི་སཱག་མཆོད་སྟེགས་ཐོག་བསྡམས་ཏེ་མཆོད་པ་བྱེད་དགོས་ཞེས་གསུངས།

༨ ཨི་སཱག་གིས་ཚེ་གྲོགས་བཙལ་བའི་སྒྲུང༌།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཨི་སཱག་གཉེན་སྒྲིག་བྱེད་པའི་ལོ་ཚད་ལ་སླེབས། འོན་ཀྱང་ས་གནས་དེའི་བུད་མེད་ཚང་མས་ལྷ་རྫུན་མ་ལ་དད་པ་བྱས་པས། ཨབ་ར་ཧམ་གྱིས་སེམས་ཁྲལ་ལངས། གལ་སྲིད་ཨི་སཱག་གིས་ས་གནས་དེའི་བུད་མེད་ཅིག་མནའ་མ་ལེན་རྒྱུ་བྱས་ན། རྗེས་སུ་ཁོའི་བུ་རྒྱུད་རྣམས་ཕལ་ཆེར་སྐུ་འདྲ་ལ་དད་པ་བྱེད་མཁན་འགྱུར་རྒྱུ་རེད་དྲན།

༩ ཡ་ཀོབ་དང་ཨེ་སབ་ཀྱི་སྒྲུང༌།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཨབ་ར་ཧམ་ཚེ་ལས་འདས་རྗེས། ཁོང་གི་ཕྲུ་གུ་ཨི་སཱག་གིས་ཁོང་ལ་དབང་བའི་ཁང་པ་དང༌། ར་ལུག ཕྱུགས་ཟོག རྔ་མོང༌། ཞབས་ཕྱི་སོགས་རྒྱུད་འཛིན་བྱས། སྐབས་དེར་ཨི་སཱག་དང་རིབ་ཀཱ་གཉིས་ལ་ཕྲུ་གུ་མཚེ་མ་ཞིག་སྐྱེས། བུ་ཆེ་བ་ལ་ཨེ་སབ་དང༌། ཆུང་བ་ལ་ཡ་ཀོབ་ཅེས་ཟེར།

༡༠ ཡ་ཀོབ་ཀྱི་རྨི་ལམ།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ཨེ་སབ་ཡ་ཀོབ་ཀྱིས་རང་ཉིད་ཀྱི་བྱིན་རླབས་གཡོ་ལེན་བྱས་པར་ཁོང་ཁྲོ་ཆེན་པོ་ལངས། རིབ་ཀཱ་ཡིས་ཡ་ཀོབ་ལ། ཨེ་སབ་ཀྱིས་ཁྱོད་རང་མ་བསད་གོང་ས་ཆ་འདི་དང་ཁ་བྲལ་ནས་སོང༌། ཁྱོད་རང་གི་སྤོ་བོའི་ཕ་ཡུལ་དུ་ཕྱིར་ལོག་ནས་གནས་སྐབས་ཤིག་སྡོད་ཅེས་བསླབ་བྱ་བྱས།

༡༡ མཚན་མོ་ལ་ཡ་ཀོབ་ཀྱིས་འཐབ་འཛིང་བྱས་པའི་སྐོར།
Tབོད་ཡིག Aཨ་མདོ་སྐད། Lདབུས་གཙང་སྐད། Kཁམས་སྐད། སྒྲ་ཟློས། རྩོམ་ཡིག དམ་པའི་གསུང་རབ་ཀྱི་སྒྲུང་།
༄༅།། ལོ་མང་པོ་སོང་རྗེས་ཡ་ཀོབ་རང་ཉིད་ཀྱི་ཕ་ཡུལ་དུ་ཚུར་ལོག དཀོན་མཆོག་གིས་ཁོ་ལ་རྒྱུ་ནོར་ཧ་ཅང་མང་པོ་ལོངས་སྤྱོད་དུ་སྦྱིན་ཡོད། ཁོས་གཉེན་སྒྲིག་བྱས་པ་དང༌། བུ་ཕྲུག་མང་པོ་སྐྱེས་པ། ཉིན་ཞིག་ལ་ཁོས་ཨེ་སབ་ཉེ་འགྲམ་དུ་ཡོད་པ་ཐོས་པ་དང༌། ད་དུང་མི་དང་རྟ་མང་པོ་ཡོད་པའང་ཤེས་རྟོགས་བྱུང་བས།

ནམ་མཁའི་ཞིང་ཁམས་ནས་གནང་བའི་ལེགས་སྐྱེས་ཤིག
Tབོད་ཡིག Aཨ་མདོ་སྐད། སྒྲ་ཟློས། རྩོམ་ཡིག ཕྲིན་བཟང་།
ཆེས་རིན་ཐང་ཆེ་བའི་ལེགས་སྐྱེས་དེ་ནི་འཇིག་རྟེན་མི་ཀུན་ལ་གནང་ཡོད་པ་དང་། དེ་ནི་ནམ་མཁའི་ཞིང་ཁམས་ནས་མི་ཡི་གཟུགས་སུ་བྱོན་པ་ཞིག་ཡིན་ལ། གལ་ཏེ་ང་ཚོས་ཁོང་ཉིད་སུ་ཡིན་པ་དངོས་ནས་ཤེས་པ་ཡིན་ན། རང་ཅག་གི་མི་ཚེ་ལ་དུས་གཏན་གྱིི་འགྱུར་བ་ཐེབས་ཡོང་ངོ་། །
དེ་ཡོད་ཚད་འདི་ལྟར་འགོ་ཚུགས་པ་ཡིན།