ཐོག་མར་དཀོན་མཆོག་གི་བྱམས་པས་ཁྱོད་ཀྱི་ཡིད་སེམས་ཁེངས་པར་གྱུར་ཅིག

གལ་ཏེ་རང་ཅག་གིས་རང་གི་ཁྱོ་ག་དང་ཡང་ན་ཆུང་མ་ནས་མི་ཚེ་གང་བོར་བྱམས་བརྩེ་འཐོབ་པའི་རེ་བ་བཅངས་པ་ཡིན་ན། ཅང་མ་འགོར་བར་ཡིད་སེམས་ཕམ་པར་འགྱུར། འཇིག་རྟེན་འདི་མི་སུ་དང་སུ་ཡིས་ཀྱང་རང་ཅག་གི་བྱམས་པ་འཐོབ་འདོད་པའི་སེམས་དེ་འགང་བར་བྱ་མི་ནུས། དཀོན་མཆོག་འབའ་ཞིག་གིས་རང་ཅག་གིས་བྱམས་བརྩེ་ལ་བཅངས་པའི་འདོད་པ་དེ་བསྐང་ཐུབ་སྟེ། ཁོང་གིས་ཐོག་མ་ནས་ང་ཚོ་དེ་བཞིན་བཀོད་པ་ཡིན།

དེ་ཡང་ཟེ་ཕན་ཡཱ་ཡི་༣:༡༧༼དམ་པའི་གསུང་རབ་ཀྱི་ཞལ་ཆད་རྙིང་པའི་མདོ་ཞིག༽ལས་ཇི་སྐད་དུ། ཁྱོད་དང་མཉམ་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་ནི་ནུས་མཐུ་ཆེན་པོ་ལྡན་པའི་སྐྱོབ་མཁན་ལགས་ཏེ། ཁོང་ནི་ཁྱོད་ཀྱི་དབང་གིས་ཐུགས་དགྱེས་པར་འགྱུར་ཞིང་། ཁྱོད་ལ་ཤིན་ཏུ་བྱམས་ཏེ། ཁྱོད་ཀྱི་ཕྱིར་དུ་དགྱེས་ཤིང་མགུར་གསུངས་པ་ཡིན་ཞེས་གསུངས་ཡོད་དོ། །

དཀོན་མཆོག་མི་རེ་རེར་ཧ་ཅང་བྱམས་པ་ཡིན་ཏེ། ཁོང་གིས་མི་ཐམས་ཅད་ཉིད་ཀྱི་སྣང་བརྙན་བཞིན་བཀོད་པ་དང་། ཁོང་གིས་རང་ཅག་ལ་ཅི་ལྟར་ཤ་ཚ་བ་དེ་རང་ཅག་ལ་ཤེས་སུ་འཇུག་འདོད་པ་ཡིན། རང་ཅག་ཁུ་སིམ་མར་བསྡད་དེ་ཁོང་གི་གསུང་སྐད་ལ་ཉན་པ་ནི་ཧ་ཅང་གལ་ཆེན་ཡིན་ཏེ། དེ་ལྟར་བྱས་ན་ཁོང་གི་བྱམས་པས་རང་ཅག་གི་ཡིད་སེམས་ཚིམ་ཐུབ་པ་ཡིན། ཁྱེད་ཀྱི་ཁ་པར་ལ་དལེ་ཞིག་བཞག་ན། གལ་ཏེ་གློག་མ་བསགས་པར་གློག་ཟད་དུས་ཁ་པར་དེ་བཀོལ་མི་ཐུབ་པ་རེད། ཁ་པར་དེ་རྒྱུན་ཆད་མེད་པར་བཀོལ་དགོས་ན་དེའི་ནང་དུ་ངེས་པར་གློག་ཡོད་དགོས་པ་ཡིན། དེ་དང་དེ་བཞིན་དུ་རང་ཅག་ཡིན་ནའང་སྐྱབས་མགོན་ཡེ་ཤུའི་དྲུང་དུ་འོངས་ནས་དམ་པའི་གསུང་རབ་བཀླག་དགོས་པ་དང་། ཁོང་གིས་རང་ཅག་ལ་ཅི་ཞིག་གསུངས་པར་མཉམ་འཇོག་ཡོད་དགོས། དེའི་བྱེད་སྟངས་གཅིག་ནི་ཉིན་རེར་སྐར་ཆ་འགའ་རེར་སེམས་ལྷོད་ལ་བབས་ནས་དམ་པའི་གསུང་རབ་ནང་གི་ཚིག་རྐང་གཅིག་གམ་ཡང་ན་དུམ་བུ་གཅིག་བཀླག་ཆོག་པ་ཡིན། གོང་གི་ཚིག་རྐང་འདིར་མཚོན་ན་སྐར་ཆ་འགའ་རེའི་ནང་དུ་བསྒོམ་ཆོག་པ་ཡིན་ཏེ། ཚིག་རྐང་འདི་ལས་ཅི་ཞིག་གསུངས་ཡོད་དམ། དེས་ཁྱོད་ཀྱི་ཉི་མ་འདིའི་འཚོ་བར་སྐུལ་སློང་ཅི་ལྟར་བྱེད་ཐུབ་བམ། འདིས་དཀོན་མཆོག་གིས་ཁྱོད་ལ་བཅངས་པའི་བྱམས་པ་དེ་ཅི་ལྟར་མཚོན་ཡོད་དམ། རང་ཅག་གིས་དཀོན་མཆོག་གི་བྱམས་པས་ཡིད་སེམས་འགང་བའི་ཕྱིར་ཁོང་ལ་ཞུས་ཆོག་སྟེ། ཁོང་གིས་རང་ཅག་གི་དགོས་མཁོ་ནི་ཏག་ཏག་མཁྱེན་པ་ཡིན།

དེ་ནས་ང་ཚོ་རང་གི་བཟའ་ཟླ་དང་འགྲོགས་དུས་རང་གི་སེམས་ལ་བྱམས་པས་ཁེངས་ཡོད་པ་དང་། ང་ཚོའི་སེམས་སུ་སྐྱབས་མགོན་ཡེ་ཤུ་ནས་འོངས་པའི་བྱམས་པས་ཁེངས་ཡོད་པས་ན་ཕན་ཚུན་ལ་བྱམས་ཐུབ་པ་རེད། གལ་ཏེ་རང་ཅག་སེམས་སྟོང་བར་འོངས་ནས། རང་གི་ཁྱོ་ག་དང་ཡང་ན་ཆུང་མས་ཉིན་རྒྱུན་རང་ཉིད་ལ་མཐའ་གཅིག་ཏུ་བྱམས་འོང་བ་དང་རང་ཉིད་དགའ་རུ་འཇུག་ཤེས་པ་ཡིན་བསམས་ན། ཅང་མ་འགོར་བར་སེམས་ཕམ་ངེས་རེད། ཉིན་རེ་བཞིན་སྐྱབས་མགོན་ཡེ་ཤུའི་བྱམས་པ་ཡིས་ཡིད་སེམས་འགང་བར་གྱིས་ཤིག ཁོང་ཉིད་གཅིག་པུས་རང་ཅག་སེམས་གཏིང་གི་དགོས་མཁོ་རྣམས་བསྐང་ཐུབ་པས་ཡིན།

དེ་ལས་ཞིབ་ཕྲ་ཤེས་འདོད་ན་འདི་གར་འབྲེལ་བ་གནང་རོགས།