གཏིང་གཞི་བརྟན་པོ་འཛུགས་པ།

དེང་སང་ག་ས་གང་ནས་ཡིན་ན་ཁང་པ་མང་པོ་བརྩིག་གིན་འདུག མཚམས་མཚམས་སུ་ཁང་པ་ཞིག་བརྩིགས་ནས་འགྲུབ་རག་བར་དུ་དུས་ཡུན་ཧ་ཅང་རིང་པོ་ཞིག་དགོས་ཚོད་འདུག ངས་ནམ་རྒྱུན་ལྕགས་ལྗང་ཁུ་དང་ཡང་ན་སྔོན་པོའི་རྩིག་པ་རྣམས་ཀྱི་རྒྱབ་ལོག་ཏུ་ལས་ཀ་བ་རྣམས་ཀྱིས་ཅི་བྱེད་ཀྱིན་ཡོད་དམ་སྙམ་པ་ཡིན།

ཁང་པའི་གཏིང་གཞི་འདིང་བར་ལས་ཚགས་ལྗིད་ནའང་དེ་ཕར་བལྟས་ཚོད་ལ་ཡག་པོ་ཞིག་མི་འདུག་མོད། འོན་ཀྱང་ཁང་པ་བརྩིགས་ཚར་དུས་གཏིང་གཞི་དེ་ནི་སུས་ཀྱང་མཐོང་དུ་མེད་པ་ཞིག་རེད། ཡང་ཁང་པ་སྲ་མཁྲེགས་ཞིག་བརྩིགས་དགོས་ན་གཏིང་གཞི་བརྟན་པོ་ཞིག་འདིང་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཏེ། དྲག་རླུང་དང་ས་འགུལ་གྱི་ཁྲོད་དུ་ཡང་གཏིང་གཞི་བརྟན་པོ་ཞིག་ཡོད་ན་དེས་ནི་ཁང་པ་ཚུགས་ཐུབ་པར་བྱེད། ཁང་པ་ཅི་ལྟར་མཐོ་ན་གཏིང་གཞི་དེ་ལྟར་ཟབ་དགོས།

དེ་དང་དེ་བཞིན་དུ་རང་ཅག་གི་བཟའ་ཟླའི་འབྲེལ་བའི་ནང་དུ་ཡང་གཏིང་གཞི་བརྟན་པོ་ཞིག་དགོས་པ་ཡིན་ཏེ། རང་ཅག་གིས་གཏིང་གཞི་གང་འདྲ་ཞིག་གི་སྟེང་ནས་བཟའ་ཟླའི་འབྲེལ་བ་འཛུགས་པ་ཡིན་ནམ། དེ་ནི་ཕོ་མོ་ཕན་ཚུན་དགའ་བ་ཙམ་གྱིས་གཉེན་བསྒྲིགས་པས་མི་ཆོག་སྟེ། བཟའ་ཟླ་གང་མང་མང་ཞིག་ཁ་ཐོར་དུ་འགྲོ་བཞིན་པ་ནི་གཏིང་གཞི་བརྟན་པོ་ཞིག་མེད་པས་རེད། དེས་ན་རང་ཅག་གིས་ཅི་ལྟར་བྱས་ན་ད་གཟོད་ཚེ་གཅིག་ལུས་གཅིག་གི་བཟའ་ཟླའི་འབྲེལ་བ་ཞིག་འཛུགས་ཐུབ་པ་ཡིན་ནམ་ཞེ་ན།

ཧ་ཅང་དམ་པོ་ཡིན་པའི་བཟའ་ཟླའི་འབྲེལ་བ་ནི་རང་ཤུགས་ཀྱིས་ཆགས་ཡོང་བ་ཞིག་མིན། དང་ཐོག་རང་ཅག་གི་བཟའ་ཟླའི་བར་དུ་ད་དུང་བརྩེ་དུང་ཤུགས་དྲག་ཡོད་པ་དང་ནམ་ཡིན་ཡང་མཉམ་དུ་འདུག་འདོད་པའི་དུས་དེ་ནས་བཟུང་གཏིང་གཞི་འཛུགས་པའི་འགོ་རྩོམ་དགོས་ལ། ཁྱོ་ཤུག་གཉིས་ཀ་དེའི་གོ་རིམ་ནང་དུ་ཞུགས་དགོས།

ཟིན་བྲིས་གཉིས་པའི་ནང་དུ་རང་ཅག་གིས་ཅི་ལྟར་བཟའ་ཟླའི་འབྲེལ་བའི་གཏིང་གཞི་བརྟན་པོ་ཞིག་འཛུགས་དགོས་པ་གླེང་བར་བྱ་སྟེ། དེ་ལྟར་བྱས་ན་ད་གཟོད་རང་ཅག་དྲག་རླུང་དང་ས་འགུལ། ཡང་ན་དཀའ་ངལ་སྡུག་བསྔལ་ཅི་ལྟ་བུར་ཕྲད་ནའང་བཟའ་འཐོར་གྱི་ལམ་དུ་མི་འགྲོ་བར་ཁག་ཐེག་བྱེད་ཐུབ་པ་ཡིན།

དེ་ལས་ཞིབ་ཕྲ་ཤེས་འདོད་ན་འདི་གར་འབྲེལ་བ་གནང་རོགས།